བཀྲ་ཤིས་བདེ་ལེགས། ཨེ་མ་ཧོ་གློག་རྡུལ་ཚན་རྩལ་དུ་ཕེབས་པར་དགའ་བསུ་ཞུ། བོད་ཡིག

ལྟོས་དང་། ཨེ་མ་ཧོ་ལོ་ཙཱའི་ནུས་པ་གསར་སྤེལ་བྱས་འདུག

2017-06-26 11:13:44 / ཨེ་མ་ཧོ་ཚན་རྩལ།

རྒྱ་ཆེ་འཛད་སྤྱོད་པའི་དགོས་མཁོ་སྐོང་ཆེད། ཨེ་མ་ཧོ་ལོ་ཙཱའི་མ་ལག་པར་གཞི་གཉིས་པ་ གནམ་ལོ་གསར་པའི་དུས་ཚིགས་དང་ བསྟུན་ནས་ཁྱབ་སྤེལ་བྱས། གཤམ་ནས་ནང་དོན་གཙོ་བོ་རྒྱུས་ལོན་ཞིག་བྱོས་་་ ལོ་ཙཱའི་དག་ཚད་མཐོར་འདེགས་ཆེན་པོ་གཏོང་བ། ད་ཐེངས་སྤེལ་བའི་མ་ལག་འདི་ནི་ངེད་ཀུང་སིས་རང་བརྟེན་གྱིས་ཞིབ་འཇུག་དང་གསར་སྤེལ་བྱས་པ་ཞིག་ཡིན་པས། མ་ལག་ནང་ཁུལ་གྱི་གཏན་ཚིགས་ལ་ཕྱོགས་ཡོངས་ནས་རིམ་སྤར་དང་བསྒྱུར་བཀོད་བཏང་ཡོད། དེའི་གཞི་རྩའི་རྩ་བའི་རིགས་པ་ནི་འཕྲུལ་འཁོར་གྱིས་རང་འགུལ་ངང་སྐད་བརྡའི་རྒྱུ་ཆ་འབོར་ཆེན་ཁྲོད་སློབ་སྦྱོང་བྱེད་པ་དང་། རང་འགུལ་ངང་ཡིག་སྒྱུར་གྱི་འབྲས་བུ་ཐོན་པ་བྱ་རྒྱུ་དེ་རེད། དེ་བས་པར་གཞི་དང་པོ་དང་བསྡུར་ན། ལོ་ཙཱའི་སྤུད་ཚད་དང་དག་ཚད། དང་ལེན་དུས་ཚོད་སོགས་གང་ཐད་ནས་ཡར་རྒྱས་ཧ་ཅང་ཆེན་པོ་ཡོད། པར་ལེན་ཡིག་སྒྱུར་ནུས་པ་གསར་དུ་བསྣན་པ། གལ་སྲིད་སྤྱོད་མཁན་གྱིས་རྒྱ་ཡིག་མི་ཤེས་པའམ་ཡང་ན་ཡེ་གེ་བཏགས་འདོད་མེད་པ། དེ་མིན་དཔེ་དེབ་བམ་དངོས་པོ་གཞན་ཐོག་ཏུ་ཡོད་པའི་རྒྱ་ཡིག་རང་གི་ཁ་པར་ནང་དུ་ལེན་དགོས་ན། སྤྱོད་མཁན་གྱིས་པར་རྒྱག་པའམ་གཤེར་འབེབས་ངོས་འཛིན་བྱས་ནས་ལོ་ཙཱ་དང་འདྲ་བཤུ་བྱེད་ཆོག ཚིག་གྲུབ་དང་ཐ་སྙད། མིང་ཚིག ཚལ་ཐོ། སྒོ་བྱང་སོགས་ཡི་གེ་ཡོད་པའི