བཀྲ་ཤིས་བདེ་ལེགས། ཨེ་མ་ཧོ་གློག་རྡུལ་ཚན་རྩལ་དུ་ཕེབས་པར་དགའ་བསུ་ཞུ། བོད་ཡིག

ཨེ་མ་ཧོ་དྲི་བ་དྲིས་ལན། འཛམ་གླིང་ནས་ཆེས་ཐོག་མའི་བོད་ཡིག་རོལ་རྩེད།

2019-04-12 15:31:50 / ཨེ་མ་ཧོ་ཚན་རྩལ་གྱི་འགུལ་རྣམ།

ཨེ་མ་ཧོ་དྲིས་ལན། 哎玛虎答题


ཨེ་མ་ཧོ་དྲིས་ལན།༼ སམ་བྷོ་ཊ།༽


        ཨེ་མ་ཧོ་དྲིས་ལན་ནི་འཕྲིན་ཕྲན་སྒྲིག་རིམ་ཆུང་བའི་རོལ་རྩེད་མ་ལག་ཞིག་ཡིན།  བཀོལ་སྤྱོད་མཁན་གྱི་ཤེས་བྱའི་གདེང་ཚོད་ལེན་པ་དང་ལྷན་དུ་ཤེས་བྱའི་འདོད་བློ་བཀང་ངེས་ཡིན། རོལ་རྩེད་འདི་འགྲན་བསྡུར་བྱེད་ཐབས་ནི་ཐེངས་རེར་མི་གཉིས་རེ་ཞུགས་ཆོག་པ་དང་མ་ཚད་མི་མང་པོས་ལྟད་མོ་བལྟ་ཆོག  བསྡོམས་པས་དྲི་བ་ལྔ་ཡོད།  དྲིས་ལན་འགྲིག་ན་སྐར་མ་ཐོབ། མ་འགྲིག་ན་སྐར་མ་སྣོན་རྒྱུ་མེད། དྲིས་ལན་འདེམ་པའི་དུས་ཚོད་ཅི་ཙམ་མྱུར་ན་སྐར་མ་དེ་ཙམ་མང་།  ཆེས་མཐོ་བའི་ཐོབ་སྐར་ནི ༢༠༠ ཡིན།   ཨང་ལྔ་པའི་དྲི་བའི་ཐོབ་སྐར་ནི་ལྡབ་གཉིས་དང་ཆེས་མཐོ་བའི་ཐོབ་སྐར་ནི ༤༠༠ ཡིན།  མཐའ་མཇུག་གི་རྒྱལ་ཁ་ནི་སྐར་མ་ཆེས་མཐོ་བ་དེ་ལ་དབང་།


ཨེ་མ་ཧོ་དྲིས་ལན།


        ཨེ་མ་ཧོ་དྲིས་ལན་ནི་ལས་ཁུངས་དང་སྤྱི་ཚོགས་མི་སྒེར་སུ་ལ་ཡིན་ཡང་བེད་སྤྱོད་སྟབས་བདེ་ཡིན་ལ་དེའི་ནང་དུ་རིག་གནས་དང་ཆབ་སྲིད་དཔལ་འབྱོར། ཚན་རིག་དང་ལག་རྩལ། ཡུལ་སྲོལ་དང་གོམས་གཤིས་སོགས་གང་མང་ཡོད་པ་དང་ལྷག་པར་དུ་སྐལ་ལྡན་སློབ་གཉེར་པ་དག་ལ་ཤེས་རིག་གི་བློ་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་སྣང་ཡོད།  མ་ཚད་འདིའི་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་དེབ་ལ་གཞི་བཟུང་ནས་རྩོམ་འབྲི་ཤེས་བྱ་ཡི་སྐོར་དང་བརྡ་སྤྲོད། སྙན་ངག མངོན་བརྗོད།  ལོ་རྒྱུས་དང་ཚད་མ་བཅས་སློབ་དེབ་ནང་གི་དྲི་བ་ཁ་ཤས་ཀྱང་འདེམ་གསེས་ཀྱི་ཚུལ་དུ་བཞག་ཡོད། ད་དུང་ཞིང་ལས་དང་འབྲོག་ལས། བཟའ་བཏུང་བདེ་ཐང་བཅས་ལ་འབྲེལ་ཡོད་ཀྱི་འཚོ་བའི་རྒྱུན་ཤེས་ཐད་ནས་ཀྱང་མི་ཉུང་བ་ཞིག་བཞག་ཡོད་པས་རྒྱ་ཆེའི་མཛད་སྤྱོད་པ་རྣམ་པ་ལ་ཕན་ཐོག་རེ་འབྱུང་བར་སྨོན།


         ཟུར་མཆན།  ༡ སྒྲིག་རིམ་ནང་དུ་རང་ཉིད་ཀྱིས་དྲི་བ་བླུགས་ཀྱང་ཆོག༼ ཆབ་སྲིད་ལ་ཕོག་ཐུག་བཟོ་བའི་དྲི་བ་བླུགས་མི་ཆོག༽

                    ༢ ཀུ་ཤུ་ཀུང་སིས་ཀུ་ཤུ་མ་ལག་ནང་ནས་འཕྲིན་ཕྲན་སྒྲིག་རིམ་གྱིས་སྒོར་མོ་སྤྲོད་རྒྱུ་བཀག་འགོག་བྱས་ཡོད་ཕྱིར།

                       ཨེ་མ་ཧོ་དྲིས་ལན་སྒྲིག་རིམ་ལས་གསེར་སྒོར་ཉོ་སྒྲུབ་ཞབས་ཞུ་མི་ཐུབ་པས།

                       ཁྱེད་ཀྱིས་ཨན་ཀྲོ་ཁ་པར་ནང་དུ་རང་ཉིད་ཀྱི་འཕྲིན་ཕྲན་ཐོ་འགོད་བྱེད་ནས་སྒོར་མོ་སྤྲད་རྗེས་ཞབས་ཞུ་ཐུབ། དེའི་རྗེས་རྒྱུན་ལྡན་ལྟར་ཀུ་ཤུ་ཁ་པར་ནང་ནས་ཀྱང་བེད་སྤྱོད་གཏོང་ཆོག