扎西德勒,欢迎来到哎玛虎电子科技 藏语版

哎玛虎藏文智能手机第三代上市广告

2019-08-27 09:47:36 /

     ཨེ་མ་ཧོ་ཚན་རྩལ་ལ་རྒྱ་ཆེ་བའི་སྤྱི་ཚོགས་ཡོངས་ཀྱིས་ཡིད་ཆེས་དང་ཁས་ལེན་བྱས་པ་མ་ཚད། བོད་ཡིག་ལག་འཕྲིན་གསར་སྤེལ་ཐད་ནས་གྲུབ་འབྲས་དཔེ་མེད་པ་ཞིག་ཐོབ་ཡོད། ཡང་དུས་རབས་ཉེར་གཅིག་གི་གོམ་འགྲོས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲན་རྩོད་མྱུར་མོ་སྒྲ་རླབས་ཀྱི་ཟླ་ལ་འགྲན་པའི་དེང་གི་ཆ་འཕྲིན་དུས་རབས་འདིར།སྣ་མང་ཤེས་རིག་གི་རོ་བཅུད་དང་ཉམས་མྱོང་ལག་ལེན་དུ་བསྟར་ནས་ལེགས་བཅོས་དང་གསར་བསྐྲུན་བྱེད་པ་ཤིན་ཏུ་གལ་ཆེ། དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་དང་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཟེར་བས་འཛམ་བུ་གླིང་གི་དྲྭ་རྒྱའི་འབྲེལ་མཐུད་ལས་རྩིས་འཕྲུལ་དང་ཁ་པར་སོགས་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་མཁོའི་དངོས་པོ་དུ་གྱུར་འདུག  དེ་དག་གི་སྤུས་ཚད་དང་བྱེད་ནུས་སོགས་ཀྱང་ཡར་ངོ་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད། ང་ཚོ་ཁ་བ་རི་བོའི་སྔོན་བྱོན་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ནང་གསར་དུ་གཏོད་པའི་རིག་པའི་གཞུང་ལུགས་ཡིག་ངོར་ཕབ་པ་དག་དུས་རབས་གསར་པའི་ཚན་རྩལ་གྱི་གསོན་ཤུགས་ཁྲོད་ནས་མུ་མཐུད་གནས་ཤིང་རྒྱུན་སྐྱོང་བྱ་རྒྱུ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཅོལ་བའི་འགན་འཁྲི་འདོར་ཐབས་མེད་པ་ཞིག་རེད་ལགས། དེ་བས་ངེད་ཨེ་མ་ཧོ་ཚན་རྩལ་གྱིས་གསར་སྤེལ་བྱས་པའི་བོད་ཡིག་ལག་འཕྲིན་རྣམས་ཀྱི་མ

哎玛虎发布

2019-08-26 11:44:31 /

   ༼ཨེ་མ་ཧོ་ལོ་ཙཱ༽ནི་ཨེ་མ་ཧོ་ཚན་རྩལ་གྱིས་འགྲེམས་སྤེལ་བྱས་པའི་དྲྭ་ཐོག་ཡིག་སྒྱུར་མ་ལགས་ཤིག་ཡིན།གྲངས་འབོར་ཤིན་ཏུ་ཆེ་བའི་བོད་ཡིག་ཆ་འཕྲིན་གཞི་གྲངས་ཀྱི་ཐོན་ཁུངས་དང་སྔོན་ཐོན་གྱི་རང་བྱུང་སྐད་བརྡ་སྒྲིག་གཅོད་ལག་རྩལ་ལ་བརྟན་ནས།སྤྱོད་མཁན་གྱི་སྐད་བརྡའི་འགལ་རྐྱེན་སེལ་བ་དང་།བོད་རྒྱ་སྐད་ཡིག་བར་གྱི་ཆ་འཕྲིན་བརྒྱུད་སྤྲོད་ལ་ཀུལ་ཕན་ཐོབ་པ།༼ཨེ་མ་ཧོ་ལོ་ཙཱ༽ལ་ལག་འཕྲིན་སྙི་ཆས་པར་གཞི་འདྲ་མིན་གསུམ་ཡོད་པ་མ་ཚད།གཞན་ད་དུང་ལས་ཁུངས་དང་ཁེ་ལས་བཅས་ལ་དམིགས་ནས་རྩིས་འཕྲུལ་གྱི་ཚོང་ལས་པར་གཞི་གསར་སྤེལ་བྱས་ཡོད།གལ་ཏེ་དགོས་མཁོ་ཡོད་ཚེ་ཁ་པར 0976-8826262 འབྲེལ་བ་མཛད་རོགས།

哎玛虎翻译关于收费的说明

2019-08-26 11:24:02 /

  ཡུལ་མི་སྤུན་ཟླ་རྣམ་པའི་སྙན་ལམ་དུ་ཞུ་བྱར། ད་རེས་ཨེ་མ་ཧོ་ལོ་ཙཱའི་མཉེན་ཆས་ཚད་རིམ་སྤར་ཏེ་ལོ་འཁོར་མོ་ཞིག་ལ་ལོ་ཙཱ་ཞུ་རིན་ཤོག་སྒོར་དགུ་རེ་ལེན་འཆར་བྱས། དོན་དེར་ཡུལ་མི་འགས་དྲྭ་ཐོག་ནས་མ་རངས་པའི་སྐད་ཆ་ཇི་སྙེད་ཅིག་བྱུང་། ལ་ལས་ཨེ་མ་ཧོས་སྔར་མི་རིགས་རིག་གཞུང་ལ་བཅངས་པའི་ལྷག་བསམ་རྫུན་མ་ཡིན་ཚུལ་ལབ། ལ་ལས་ཨེ་མ་ཧོས་སྒོར་རྡོག་འབའ་ཞིག་གཉེར་བས་མ་རབས་ལས་སུ་འཇུག་གིན་འདུག་ཅེས་པ་ལྟ་བུའོ། །དེའི་ཕྱིར་ངེད་ཐུན་གཉེར་ཁང་གིས་རྒྱ་ཆེའི་ཡུལ་མི་རྣམ་པར་གསལ་བཤད་ཞུ་བར། ཨེ་མ་ཧོའི་ལོ་ཙཱའི་མཉེན་ཆས་བྱུང་ནས་ད་བར་དུ་ཡུལ་མི་ཀུན་ལ་གང་ལ་གང་འཚམ་གྱིས་རིན་མེད་ཞབས་ཞུ་ཁ་ཞེ་ཡོངས་སུ་མཚུངས་པ་ཞིག་ཞུས་ཡོད། འོན་ཏེ་མུ་ནས་མུ་རུ་འདི་ལྟར་སོང་ན་ཁེ་ལས་པའི་མ་འོངས་མདུན་ལམ་མི་རྙེད་ཅིང་། ཐ་ན་ཁོངས་མིའི་ཟས་གོས་གླ་ཕོགས་ལའང་དཀའ་ངལ་འཕྲད་ཡོང་ངེས་འདུག །རང་ལ་འཛད་མེད་ནོར་ལྷའི་བང་མཛོད་ཡོད་ནའང་སྦྱིན་པས་དབུལ་བ་སེལ་མི་ནུས་ཞེས་པ་ལྟ་བུའོ། །ལྷག་ཏུ་ཤེས་རིག་ལག་རྩལ་ཐད་ནས་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་ཆེ་བའི་དུས་རབས་ཉེར་གཅིག་པའི་སྐབས་སུ། སོ་སོའི་ཤེས་རབ་དང་རྩོལ་བས་བསྐྱེད་པའི་གྲུབ་འབྲས་ལ་རྒྱུ་དངོས་མཚན་སྙན་གཉིས་ཀའི་ཐད་ནས་ཡོང་འབབ་ཅིག་མེད་ན། ཚན་རྩལ་གྱི་གྲུབ་འབྲས་ཡང་སོར་གནས་ཙམ་ལས་

哎玛虎答题 | 全球首个藏文答题游戏

2019-04-12 15:31:50 / 哎玛虎科技动态

ཨེ་མ་ཧོ་དྲིས་ལན་ནི་འཕྲིན་ཕྲན་སྒྲིག་རིམ་ཆུང་བའི་རོལ་རྩེད་མ་ལག་ཞིག་ཡིན། བཀོལ་སྤྱོད་མཁན་གྱི་ཤེས་བྱའི་གདེང་ཚོད་ལེན་པ་དང་ལྷན་དུ་ཤེས་བྱའི་འདོད་བློ་བཀང་ངེས་ཡིན། རོལ་རྩེད་འདི་འགྲན་བསྡུར་བྱེད་ཐབས་ནི་ཐེངས་རེར་མི་གཉིས་རེ་ཞུགས་ཆོག་པ་དང་མ་ཚད་མི་མང་པོས་ལྟད་མོ་བལྟ་ཆོག བསྡོམས་པས་དྲི་བ་ལྔ་ཡོད། དྲིས་ལན་འགྲིག་ན་སྐར་མ་ཐོབ། མ་འགྲིག་ན་སྐར་མ་སྣོན་རྒྱུ་མེད། དྲིས་ལན་འདེམ་པའི་དུས་ཚོད་ཅི་ཙམ་མྱུར་ན་སྐར་མ་དེ་ཙམ་མང་། ཆེས་མཐོ་བའི་ཐོབ་སྐར་ནི ༢༠༠ ཡིན། ཨང་ལྔ་པའི་དྲི་བའི་ཐོབ་སྐར་ནི་ལྡབ་གཉིས་དང་ཆེས་མཐོ་བའི་ཐོབ་སྐར་ནི ༤༠༠ ཡིན། མཐའ་མཇུག་གི་རྒྱལ་ཁ་ནི་སྐར་མ་ཆེས་མཐོ་བ་དེ་ལ་དབང་།

哎玛虎翻译大升级!

2017-06-26 11:13:44 / 哎玛虎科技

哎玛虎翻译主要升级内容 1.升级各种语法处理和自然语处理方式; 2.新增拍照识别翻译功能; 3.新增数万个新术语。